玉树市城市管理工作领导小组办公室(代)
二0二四年三月十八
གྲོང་ཁྱེར་ནང་ཁུལ་དུ་ཚུལ་མཐུན་གྱི་སྒོ་ནས་སྒོ་ཕྱུགས་གསོ་དགོས་པའི་སྐོར་གྱི་བརྡ་ཁྱབ།
ཡུས་ཧྲུའུ་གྲོང་ཁྱེར་གྱི་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་དང་། རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་བསྐྲུན་ཟིན་པའི་གྲུབ་འབྲས་ལ་རྒྱུན་འཁྱོངས་དང་།ཁྱོན་ཡོངས་ནས་གྲོང་ཁྱེར་གྱི་དཔལ་ཡོན་ཚད་གཞི་དང་གྲོང་ཁྱེར་ཞིབ་ཕྲ་ཅན་གྱི་དོ་དམ་ཆུ་ཚད་མཐོར་འདེགས་བྱས་ཏེ།གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་སྒྲིག་ལམ་སྲུང་སྐྱོང་ལེགས་པོ་བྱེད་དགོས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་དང་།གྲོང་མི་རྣམས་ཕྱུགས་རིགས་དོ་དམ་གྱི་ངོས་འཛིན་གནད་ལ་མི་འཁེལ་བའི་རྐྱེན་གྱིས་ནོར་ལུག་གིས་སྤྱི་གླིང་གི་སྤང་ལྗོངས་ལ་རྡོག་རྫིས་གཏོང་བ་དང་། རྩྭ་ཟ་བ།རྒྱ་ལམ་འཕྲེད་བརྒལ་བྱེད་པ།ས་ཆ་གང་སར་བཙོག་པ་གཏོང་བ།མི་ལ་རྨས་སྐྱོན་བཟོ་བ་སོགས་ཀྱི་གནས་ཚུལ་ཡོང་བར་གཏན་འགོག་བྱས་ནས་ཡུས་ཧྲུའུ་གྲོང་ཁྱེར་དང་གྲོང་ཁྱེར་གྱི་རྣམ་པ་དང་།ཁོར་ཡུག་འཕྲོད་བསྟེན།འགྲིམ་འགྲུལ་སྒྲིག་ལམ།མི་ལུས་བདེ་འཇགས་སོགས་ལ་དགོས་མེད་ཀྱི་ཤུགས་རྐྱེན་ངན་པ་བཟོ་འགྲོ་བ་རེད།གྲོང་ཨུ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་།ཡུས་ཧྲུའུ་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་དང་དེ་བཞིན་གྲོང་ཁྱེར་གྱི་རྣམ་པ་ཚད་ལྡན་དོ་དམ་གྱི་ལས་ཀའི་འགན་འཁྲི་དང་ཟུང་འབྲེལ་བྱས་ཏེ།ཡུས་ཧྲུའུ་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ལས་ཁུངས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཁྲོམ་གཞུང་གང་སར་གང་བྱུང་དུ་སྒོ་ཕྱུགས་ཁ་འཐོར་གཏོང་བའི་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བཏང་བ་གཤམ་གསལ།
གཅིག། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁུལ་དང་གྲོང་འདབས་འབྲེལ་མཚམས་ཀྱི་ཉེ་འཁོར་གྱི་གྲོང་ཚོ་དང་གྲོང་རྡལ་གྱི་གྲོང་མི་དང་།དུད་ཚང་རྣམས་ཀྱིས་ངེས་པར་དུ་རང་ཁྱིམ་གྱི་རྟ་དང་ལུག བ་གླང་།ཕག་པ།ཁྱི་སོགས་སྒོ་ཕྱུགས་ལ་དོ་དམ་ཡག་པོ་བྱེད་དགོས་པ་དང་། དེ་རིང་ནས་བཟུང་གྲོང་ཁྱེར་ནང་ཁུལ་གྱི་སྲང་མདོ་རུ་རང་དགར་མངགས་མི་ཆོག
གཉིས།བརྡ་ཁྱབ་བཏང་བའི་ཉིན་ནས་བཟུང་ཡུས་ཧྲུའུ་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུའུ་ཡིས་ཁྲིམས་ལྟར་གྲོང་ཁྱེར་གྱི་སྲང་མདོ་དང་འགྲོ་ལམ་སོགས་སུ་རང་དགར་བཏང་ཞིང་དོ་དམ་བྱེད་མཁན་མེད་པའི་སྒོ་ཕྱུགས་ལ་བཙན་ཤེད་ཀྱིས་བསྡུ་ཉར་དང་གཅིག་སྡུད་སྤོ་འདེད་སོགས་ཀྱི་ཁྲིམས་འཛིན་ལག་ལེན་བྱེད་རྒྱུ་མ་ཟད།《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྲོང་རྡལ་དོ་དམ་སྲོལ་ཡིག》གི་དོན་ཚན་དོན་གསུམ་པའི་གཏན་འབེབས་གཞིར་བཟུང་།སྒོ་ཕྱུགས་ཡོད་པའི་དུད་ཚང་ལ་ཐ་ཚིག་སྒྲོག་པ་དང་དངུལ་ཆད་གཅོད་པ་སོགས་ཀྱི་སྲིད་འཛིན་ཆད་གཅོད་བྱ་རྒྱུ་ཡིན།དེ་དོན་ལ་ཆེད་དུ་ཁྱབ་བསྒྲགས་བྱས་པ་ཡིན།
གསུམ།དོ་དམ་བྱེད་མཁན་མེད་པ་དང་།ཉར་ཚགས་མ་བྱས་པར་ཐེངས་མང་སྒོ་ཕྱིར་བཏང་བ་ལ་ཁྲིམས་སྟར་སྒོར་ཆད་གཅོད་པ་དང་།སྔར་བཞིན་ཚུལ་མིན་གྱི་ཕྱུགས་རིགས་ར་བའི་ནང་གསོས་པའི་བྱ་སྤྱོད་བཅོས་སྒྲིག་མ་བྱས་ཚེ་གཞན་སྒྱུར་གཅིག་སྡུད་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཁྲིམས་འགལ་གྱི་མཇུག་འབྲས་བཟོས་ན་རྒྱུ་བདག་རང་ཉིད་ནས་འགན་འཁུར་དགོས།
审 核丨巴德扎西
编 辑丨尼玛旦周
来 源丨玉树州融媒体中心
服务应用
学習玉树
新时代文明实践
融媒体资讯
书记市长信箱
往期回顾