རྒྱ་ཆེའི་གྲོང་མི་གྲོགས་པོ་རྣམ་པ་ཚོ།
ཉེ་དུས་རིམས་ནད་སྔོན་འགོག་ཚོད་འཛིན་སྲིད་ཇུས་ཀྱི་ལེགས་སྒྲིག་ལ་གཞིགས་ནས་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུས་གྲོང་ཁུལ་དུ་ལུགས་མཐུན་ངང་རྒྱུན་རྣམ་ཅན་གྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དཔེ་སྟོན་ས་ཚིགས་5དང་བསྐྱར་ཞིབ་གཏན་འཁེལ་བྱེད་པའི་ཉིང་སྐྱུར་དཔེ་སྟོན་ས་ཚིགས་2བཀོད་སྒྲིག་བྱས་ནས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་རེད། དེ་བས་ཡུས་ཧྲུའུ་གྲོང་ཁྱེར་གྱི་ཏོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་གིས་ཁྱེད་ལ་བརྩེ་བའི་དྲན་སྐུལ་འདི་ལྟར་གཏོང་རྒྱུ་ཡིན། གཅིག གལ་ཏེ་ཁྱེད་དང་ཁྱིམ་མི་ལ་ཏོག་གསར་གློ་ནད་དང་འདྲ་བའི་ནད་རྟགས་བྱུང་ཚེ། སྔོན་ལ་ཚོད་ལྟའི་འགོག་རྫས་བཀོལ་ནས་རང་གིས་རང་ལ་བརྟག་དཔྱད་བྱེད་དགོས། ཚོད་ལྟའི་འགོག་རྫས་གདགས་གཤིས་ཡིན་པའམ་ཡང་ན་གདགས་གཤིས་འདྲ་བའི་གནས་ཚུལ་ཡོད་ན། ད་གཟོད་བསྐྱར་ཞིབ་གཏན་འཁེལ་བྱེད་པའི་ཉིང་སྐྱུར་དཔེ་སྟོན་ས་ཚིགས་ཞིབ་དཔྱད་ཚད་ལེན་བྱེད་དུ་འགྲོ་ནས། གཅིག་བསྡུས་རྐྱེན་གྱིས་རེད་པ་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས།
གཉིས། ཉིང་སྐྱུར་གྱི་མ་དཔེ་བླངས་ནས་མཇུག་འབྲས་བྱུང་བ་བར་སྤྱིར་བཏང་དུས་ཚོད་བརྒྱད་ཡས་མས་དགོས། གལ་ཏེ་ཁྱེད་ཀྱི་ཉིང་སྐྱུར་ཞིབ་བཤེར་བྱས་འབྲས་དུས་ཐོག་ཏུ་“ཤིན་་ཁམ་མ”ལ་སྐྱེལ་མ་ཐུབ་ན། ཁྱེད་ཀྱི་ཉིང་སྐྱུར་ཞིབ་བཤེར་བྱས་འབྲས་རྒྱུན་ལྡན་མིན་པའི་ཉེན་ཁ་ཡོད་རྒྱུ་རེད། ཚོད་ལྟ་ཁང་གིས་མ་དཔེ་ལ་ཡང་བསྐྱར་བསྐྱར་ཞིབ་བྱེད་དགོས་སྟེ། མཐར་འདེད་སྐྱེལ་གྱི་དུས་ཚོད་ཀྱང་དེ་དང་བསྟུན་ནས་རིང་དུ་འགྲོ་སྲིད་པས། ཁྱེད་རྣམ་པས་ལྷོད་པོར་སྒུག་རོགས་གནོངས།
གསུམ། གལ་ཏེ་ཁྱེད་དང་ཁྱིམ་མི་དག་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཁ་པར་རམ་འཕྲིན་ཐུང་བརྡ་ཐོ་འབྱོར་ན། བླང་བྱ་ལྟར་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་རྗེས་རང་གི་ཉེ་འགྲམ་གྱི་བསྐྱར་ཞིབ་གཏན་འཁེལ་བྱེད་པའི་ཉིང་སྐྱུར་དཔེ་སྟོན་ས་ཚིགས་འགྲོ་ནས་མི་རེ་སྤུ་གུ་རེར་ཅན་གྱི་མ་དཔེ་འཚོལ་བཤེར་བྱས་ཏེ། སྐྱར་ཞིབ་བྱས་འབྲས་འདྲི་རྩད་བྱེད་དགོས།
བཞི། མ་དཔེ་འཚོལ་བཤེར་བྱེད་སྐབས་ཁྱེད་ཀྱིས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ནས་གྲལ་སྒྲིག་སྐབས་སྨི་2ཡན་གྱི་བདེ་འཇགས་བར་ཐག་རྒྱུན་འཁྱོངས་བྱེད་དགོས་པ་དང་། མ་དཔེ་འཚོལ་ས་དེར་མི་མང་པོ་འཛོམས་སྐབས་ཐག་རིང་མི་སྣ་ཐར་ཐོར་ས་ནས་སྒུག་སྟེ། མི་སྣ་མང་པོ་མེད་སྐབས་ཉིང་སྐྱུར་གནས་སུ་བསྐྱོད་ནས་མ་དཔེ་འཚོལ་དགོས།
ལྔ། མ་དཔེ་མ་བླངས་གོང་ཁྱེད་ཀྱིས་ཉིང་སྐྱུར་བསྡུ་ལེན་ཨང་རྟགས་མི་སྒེར་གྱི་ཆ་འཕྲིན་ནང་ཡང་དག་འབྲི་དགོས། གལ་ཏེ་མི་སྒེར་གྱི་ཐོབ་ཐང་ཆ་འཕྲིན་ཕབ་འཇུག་ནོར་འཁྲུལ་བྱུང་ཚེ། ཞིབ་བཤེར་བྱ་ཡུལ་གྱི་ཆ་འཕྲིན་དང་འཚམ་མི་ཐུབ་ལ། དོ་མཉམ་པའི་ཉིང་སྐྱུར་གྱི་མཇུག་འབྲས་ཀྱང་མངོན་མི་ཐུབ།
རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱིས་བསམ་ཤེས་མང་ཙམ་དང་སེམས་ལྷོད་པོས་སྒུག་རོགས་གནོངས། མ་དཔེ་འཚོལ་སྐབས་ཁྱེད་རང་གིས་བརྒྱུད་རིམ་ཧྲིལ་པོར་ཚད་དང་མཐུན་པར་ཁ་བཏུམ་རྒྱག་དགོས་ཤིང་། ས་གནས་ཀྱི་མཛུབ་ཁྲིད་ལ་གཞིགས་ནས་གོ་རིམ་ལྡན་པའི་ངང་གྲལ་བསྒྲིགས་ཏེ་མི་གཞན་དང་བར་ཐག་སྨི་2ཡན་རྒྱུན་འཁྱོངས་བྱེད་པ་དང་། གྲལ་མི་འཛུགས་པ། གླེང་མོལ་མི་བྱེད་པ། གཅིག་སྡུད་མི་བྱེད་པ། མ་དཔེ་འཚོལ་བསྡུ་མཇུག་འགྲིལ་རྗེས་དུས་ཐོག་ཏུ་གོ་རིམ་ལྡན་པའི་ངང་ཁ་བྲལ་ནས་འགྲོ་དགོས།
ཟུར་བཀོད།རྒྱུན་རྣམ་ཅན་གྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དཔེ་སྟོན་ས་ཚིགས་5དང་བསྐྱར་ཞིབ་གཏན་འཁེལ་བྱེད་པའི་ཉིང་སྐྱུར་དཔེ་སྟོན་ས་ཚིགས་2ཀྱི་མིང་ཐོ། གཅིག ཡུས་ཧྲུའུ་གྲོང་ཁྱེར་རྒྱུན་རྣམ་ཅན་གྱི་ཉིང་སྐྱུར་ཚད་ལེན་ས་ཚིགས།
ཡུས་ཧྲུའུ་གྲོང་ཁྱེར་གྲོང་ཁུལ་གཙོ་བོ། | ཚད་ལེན་ས་ཚིགས་ཀྱི་མིང་།(ས་གནས) | ཚད་ལེན་དུས་ཚོད། |
| རླངས་འཁོར་འབབ་ཚིགས་ཀྱི་ཉིང་སྐྱུར་ཚད་ལེན་ས་ཚིགས། |
|
| འབྲོང་ཐང་ཆེན་ཉིང་སྐྱུར་ཚད་ལེན་ས་ཚིགས། | ཉིན་རེའི་སྔ་དྲོ། 8:30-12:30 ཕྱི་དྲོ། 14:30-18:30 |
| ཁམས་པ་སྒྱུ་རྩལ་ལྟེ་གནས་ཉིང་སྐྱུར་ཚད་ལེན་ས་ཚིགས། |
|
| ཆོས་ལུང་སྤྱི་གླིང་ཉིང་སྐྱུར་ཚད་ལེན་ས་ཚིགས། |
|
| དཔལ་ཐང་གནས་སྤོས་ཁུལ་ཉིང་སྐྱུར་ཚད་ལེན་ས་ཚིགས། |
|
གཉིས། ཡུས་ཧྲུའུ་གྲོང་ཁྱེར་བསྐྱར་བཤེར་གཏན་འཁེལ་ཉིང་སྐྱུར་ཚད་ལེན་ས་ཚིགས།གལ་ཏེ་ཉིང་སྐྱུར་ཞིབ་བཤེར་གྱི་མཉམ་སྦུག་རྒྱུན་ལྡན་མིན་པའི་བརྡ་འཕྲིན་དང་ཁ་པར་འབྱོར་ན།མི་སྒེར་གྱི་འགོག་སྲུང་ལེགས་པོ་བྱས་ཏེ།གཤམ་གྱི་གཏན་འཁེལ་ས་གནས་སུ་སྐྱོད་དེ་རྐྱང་སྦུག་ཉིང་སྐྱུར་ཞིབ་བསྐྱར་བྱ་དགོས།
ཡུས་ཧྲུའུ་གྲོང་ཁྱེར་གྲོང་ཁུལ་གཙོ་བོ། | ཚད་ལེན་ས་ཚིགས་ཀྱི་མིང་།(ས་གནས) | ཚད་ལེན་དུས་ཚོད། |
| འཁྱེར་འཕྲིན་སྤྱི་གཉེར་ཁང་ཁ་གཏད་ སའི་སྤྱི་གླིང་སྒོ་ཁའི་ཉིང་སྐྱུར་ཚད་ལེན་ས་ཚིགས། | ཉིན་རེའི་སྔ་དྲོ།8:30-12:30、 ཕྱི་དྲོ།14:30-18:30. དགོང་མོ། 20:30-24:00 |
| གེ་སར་ཐང་ཆེན་ཉིང་སྐྱུར་ཚད་ལེན་ས་ཚིགས། |
|