cover_image

སྐད་གཉིས།丨关于在玉树市区范围内开展国有资产住房及商铺清查的通告

玉树市融媒体中心
2023年11月16日 15:38


通 告

图片

广大居民朋友们:       

玉树市住房扩面及商铺资金收缴工作于2012年正式启动以来,市委、市政府高度重视收缴清查工作,先后印发了《玉树市住房增购(扩面)及商铺资金收缴工作实施方案》《玉树市住房扩面及商铺资金欠户处置办法》,并采取有效措施推动资金收缴工作,但截至目前,仍有部分民众违规强占、多占住房或商铺,严重妨碍了全市住房及商铺回收工作。鉴于此,为进一步加强玉树市国有资产管理,真实、完整、准确掌握玉树市灾后重建期间建成的国有住房及商铺资产情况,强化国有资产监管,切实提高住房和商铺使用效益,严防国有资产流失。根据市委、市人民政府研究,决定在市区范围内开展国有资产住房及商铺清查工作,望广大民众积极支持、配合、协助清查工作,现将有关事宜通告如下:

一、清查时间
清查时限:2023年11月10日至2024年4月20日

二、清查范围
结古街道辖区、西杭街道辖区、扎西科街道辖区、新寨街道辖区及部分公建底层商铺。

三、清查内容
对各街道辖区灾后重建住房、商铺建设和商铺资金收缴情况全面梳理;实地清查住房、商铺占有、使用及剩余用房情况。

四、居民所需资料
清查工作人员将通过入户调查的方式掌握和梳理相关情况,届时居民需提供以下资料:
住户基本情况,住户有效证件、最终审核确定的安置区域分配单、个人增购面积、应缴资金凭证、缴款证明、银行存款单据等凭证。

五、对拒不配合清查工作者,将承担法律后果。

特此通告

玉树市人民政府

2023年11月10日




ཡུས་ཧྲུའུ་གྲོང་ཁུལ་གྱི་ཁྱབ་ཁོངས་སུ་གཞུང་ཁོངས་རྒྱུ་ནོར་གྱི་ཁང་པ་དང་ཚོང་ཁང་ཞིབ་བཤེར་སྐོར་གྱི་བརྡ་ཁྱབ་།

图片

རྒྱ་ཆེའི་གྲོང་མི་རྣམ་པ་ཚོ། 

ཡུས་ཧྲུའུ་གྲོང་ཁྱེར་གྱི་སྡོད་ཁང་རྒྱ་བསྐྱེད་དང་ཚོང་ཁང་གི་མ་དངུལ་བསྡུ་ལེན་ལས་དོན་དེ་2012ལོར་དངོས་སུ་སྤེལ་འགོ་ཚུགས་ཚུན། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རོགས་སྐྲུན་ལས་ཁུངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་སྡོད་ཁང་རྒྱ་བསྐྱེད་དང་ཚོང་ཁང་གི་མ་དངུལ་བསྡུ་ལེན་ལས་དོན་དེ་ཡུས་ཧྲུའུ་མི་དམངས་ཀྱི་དྲིན་ཚོར་དང་ཡིད་རྟོན་མཚོན་བྱེད་གལ་ཆེན་ཞིག་ཏུ་བརྩིས་ནས་ཡུས་ཧྲུའུ་གྲོང་ཁྱེར་གྱི་སྡོད་ཁང་ཉོ་སྒྲུབ་བམ་རྒྱ་སྐྱེད་དང་མ་དངུལ་བསྡུ་ལེན་ལས་དོན་ལག་བསྟར་ཇུས་གཞི་དང་ཡུས་ཧྲུའུ་གྲོང་ཁྱེར་གྱི་སྡོད་ཁང་གི་གཞི་ཁྱོན་ཆེར་གཏོང་དང་མ་དངུལ་བསྡུ་རུབ་ལས་དོན་སྐུལ་འདེད་ནུས་ལྡན་གྱི་བྱ་ཐབས་ཞེས་པ་སྔ་རྗེས་སུ་པར་འགྲེམས་བྱས་པ་རེད། འོན་ཀྱང་མིག་སྔའི་བར་རྒྱུ་རྐྱེན་སྣ་ཚོགས་ཀྱིས་མང་ཚོགས་ཁག་གཅིག་གིས་སྡོད་ཁང་ངམ་ཡང་ན་ཚོང་ཁང་བཙན་བཟུང་བྱས་ནས་ཚུར་བསྡུའི་ལས་དོན་ལ་འགོག་རྐྱེན་བཟོས་འདུག   དེར་བརྟེན་ཡུས་ཧྲུའུ་གྲོང་ཁྱེར་གྱི་གཞུང་ཁོངས་རྒྱུ་ནོར་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་ཆེད།  ཡུས་ཧྲུའུ་གྲོང་ཁྱེར་གྱི་གནོད་ཤུལ་བསྐྱར་འཛུགས་བྱེད་རིང་བསྐྲུན་པའི་གཞུང་ཁོངས་སྡོད་ཁང་དང་ཚོང་ཁང་གི་རྒྱུ་ནོར་གནས་ཚུལ་བདེན་པ་དང་ཆ་ཚང་བ། ཡང་དག་བཅས་ཀྱི་སྒོ་ནས་རྒྱུས་ལོན་བྱས་ནས་གཞུང་ཁོངས་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་དང་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་བཏང་ནས་གཞུང་ཁོངས་རྒྱུ་ནོར་ཕྱིར་ཤོར་རྒྱུ་ནན་འགོག་བྱ་ཆེད། གྲོང་ཨུ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཞིབ་འཇུག་གཞིར་བཟུང་གྲོང་ཁུལ་གྱི་ཁྱབ་ཁོངས་ནང་གཞུང་ཁོངས་རྒྱུ་ནོར་གྱི་སྡོད་ཁང་དང་ཚོང་ཁང་ལ་གཙང་བཤེར་བྱེད་པའི་བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་བྱས་ཡོད་པས་རྒྱ་ཆེའི་དམངས་ཚོགས་ཀྱིས་རྒྱབ་སྐྱོར་དང་གཞོགས་འདེགས་ཀྱི་སྒོ་ནས་ཞིབ་བཤེར་ལས་དོན་སྤེལ་རྒྱུའི་རེ་བ་ཡོད། ད་ལྟ་འབྲེལ་ཡོད་དོན་དག་བརྡ་ཁྱབ་བྱ་རྒྱུ་གཤམ་གསལ། 
གཅིག    གཙང་བཤེར་དུས་ཚོད། 
གཙང་བཤེར་བྱེད་པའི་དུས་ཚད་ནི།2023ལོའི་ཟླ་11ཚེས་10ཉིན་ནས་2024་ལོའི་ཟླ་4ཚེས་20ཉིན་བར། 

གཉིས།    གཙང་བཤེར་བྱེད་པའི་ཁྱབ་ཁོངས། 
སྐྱེ་རྒུ་སྲང་ལམ་དོན་གཅོད་ཁང་དང་ཤེལ་དཀར་སྲང་ལམ་དོན་གཅོད་ཁང་། བྱ་ཤུལ་ཁོག་སྲང་ལམ་དོན་གཅོད་ཁང་། སེང་ཟེ་སྲང་ལམ་དོན་གཅོད་ཁང་བཅས་ཀྱི་མངའ་ཁོངས་དང་དེ་བཞིན་སྤྱི་པའི་འཛུགས་སྐྲུན་གྱི་ཤོད་ཁང་གི་ཚོང་ཁང་ཁག་གཅིག་བཅས་སོ། 

གསུམ།   གཙང་བཤེར་གྱི་ནང་དོན། 
གཅིག་ནས་སྲང་ལམ་དོན་གཅོད་ཁང་ཁག་གི་གནོད་ཤུལ་བསྐྱར་འཛུགས་ཀྱི་སྡོད་ཁང་དང་ཚོང་ཁང་བཅས་ཀྱི་མ་དངུལ་བསྡུ་ཚུལ་ལ་ཞིབ་བཤེར་བྱེད་དགོས། གཉིས་ནི་ཡུལ་དངོས་ནས་སྡོད་ཁང་དང་ཚོང་ཁང་བདག་བཟུང་དང་བེད་སྤྱོད། དེ་བཞིན་ཁང་པ་ལྷག་མ་བཅས་ཀྱི་གནས་ཚུལ་གཙང་བཤེར་བྱ་དགོས། 

བཞི།  གྲོང་མིས་དཔྱད་གཞིའི་ཡིག་རིགས་འདོན་སྤྲོད་བྱ་དགོས། 
ལས་དོན་མི་སྣ་དུད་ཚང་ནས་བརྟག་དཔྱད་བྱེད་སྐབས་གྲོང་མིས་གཤམ་གསལ་གྱི་དཔྱད་ཡིག་མཁོ་འདོན་བྱེད་དགོས་པ་སྟེ། དུད་ཁྱིམ་གྱི་གཞི་རྩའི་གནས་ཚུལ་དང་བདེན་དཔང་ལག་ཁྱེར། མཐའ་མར་ཞིབ་བཤེར་གཏན་འབེབས་བྱས་པའི་བཀོད་སྒྲིག་ས་ཁོངས་ཀྱི་བགོ་བཤའི་འཛིན་ཤོག   སྒེར་གྱི་ཉོས་པའི་ཁ་གསབ་ཀྱི་རྒྱ་ཁྱོན། འཇལ་དགོས་ངེས་ཀྱི་མ་དངུལ་དཔང་འཛིན། རིན་འཇལ་གྱི་དཔང་ཡིག  དངུལ་ཁང་གི་བཅོལ་དངུལ་རྩིས་ཐོ་སོགས་ཀྱི་དཔང་ཡིག་བཅས་ཡིན། 

གཙང་བཤེར་ལས་དོན་ལ་གཞོགས་འདེགས་མི་བྱེད་མཁན་ཡོད་ན་དེ་ལུགས་ཀྱི་ཁྲིམས་འགན་རང་གིས་འཁུར་དགོས། 

གོང་གོ་དོན་ལ་དམིགས་ཏེ་ཆེད་དུ་ཁྱབ་བསྒྲགས་འདི་སྤེལ་བ་ཡིན།  

ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་།

༢༠༢༣ལོའི་ཟླ་ ༡༡ཚེས་༡༠ཉིན་།   




审     核丨巴德扎西

编     辑丨尼玛旦周 

来     源丨玉树市人民政府

转载本平台内容须注明来源@玉树市融媒体中心

服务应用


图片
图片
图片
图片

学習玉树

新时代文明实践

融媒体资讯

书记市长信箱

往期回顾


继续滑动看下一个
玉树市融媒体中心
向上滑动看下一个