ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་དང་རྒྱལ་ཁབ་ལྟ་ཞིབ།དེ་མིན་ཞིང་ཆེན་དང་ཁུལ་རིམ་པའི་སྒྲིག་ཁྲིམ་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་འབྲེལ་ཡོད་བཀོད་འདོན་ལག་བསྟར་བྱ་བ་དང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་པ་དང་རུལ་སུངས་གནད་དོན་བཅོས་སྐྱོང་གཏིང་ཟབ་གཏོང་བ། སྤྱི་ཚོགས་ལས་རིགས་སོ་སོའི་ལྟ་སྐུལ་སྟབས་བདེ་གཏང་ཆེད། ད་ཆ་ངེད་ལས་ཁུངས་ཀྱིས་2025ལོའི་བཅོས་སྐྱོང་གཙོ་གནད་ཚན་དོན་དང་ཞུ་གཏུག་བྱེད་ཐབས་གཤམ་གསལ་དུ་བསྒྲགས་པ་ཡིན་པས། རྒྱ་ཆེ་བའི་གྲོང་མི་རྣམས་ཀྱིས་དངོས་ཐོག་བདེན་འཚོལ་སྒོའི་ཞུ་གཏུག་བྱ་བར་དགའ་བསུ་ཞུ་བ་མ་ཟད།ངེད་ཅག་གིས་ཀྱངཉིད་ཀྱི་ཞུ་གཏུག་དོན་ཚན་སྣེ་ལེན་བྱ་བར་མ་ཟད། འབྲེལ་ཡོད་སྒྲིག་ཁྲིམས་ལྟར་ཞིབ་དཔྱོད་ནན་མོའང་བྱ་བ་ཡིན།
གཅིག རྒྱལ་ཡོངས་སུ་གཅིག་སྡུད་ཐོག་སྐུལ་འདེད་གཏོང་བའི་མང་ཚོགས་ཁྲོད་ཀྱི་དོན་དངོས་བཅུ་དྲུག
༡ སྲིད་གཞུང་གི་རྣམ་གྲངས་དང་རྒྱལ་གཉེར་ཁེ་ལས་ཀྱི་རྣམ་གྲངས་ལ་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་པ་དང་། ཁོར་ཡུག་གཙང་སྦྲ་པའི་གླ་ཕོགས་འགྱངས་ཆད་བྱས་པ། གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་གྲོང་མིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་གླ་ཕོགས་དུས་ཐོག་ཏུ་སྤྲོད་མི་ཐུབ་པའི་གནད་དོན་བཅས་བཅོས་སྒྲིག་བྱ་དགོས།
༢ སྡེ་ལས་ཞབས་ཞུའི་ཁ་ཆད་དོན་ཐོག་ཏུ་མི་འཁྱོལ་བ་དང་ཁང་བདག་སྤྱི་པའི་ཁེ་ཕན་ཧམ་བཟུང་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱ་དགོས།
༣ སྒྲིག་འགལ་གྱིས་ས་ཁོངས་གཞན་ནས་ཁྲིམས་བསྟར་བྱེད་པ་དང་ཁེ་གཉེར་རང་བཞིན་གྱི་ཁྲིམས་བསྟར། གྲོན་དངུལ་གང་བྱུང་དུ་བསྡུ་བ། དངུལ་ཆད་གང་བྱུང་དུ་གཅོད་པ། ཞིབ་བཤེར་གང་བྱུང་བྱེད་པ། སྒོ་རྒྱ་ཐེལ་གནོན་གང་བྱུང་དུ་རྒྱག་པ་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱ་དགོས།
༤ གྲོང་མིའི་ཆུ་གློག་རླངས་ཀྱི་ཚད་འཇལ་ཡང་དག་མིན་པ་དང་གྲོན་དངུལ་བསྡུ་ཚད་ཚད་ལྡན་མིན་པའི་གནད་དོན་བཅོས་སྒྲིག་བྱ་དགོས།
༥ ཤ་བཟོས་ཐོན་རྫས་རྫུན་མ་དང་སྤུས་ཞན་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པའི་གནད་དོན་བཅོས་སྒྲིག་བྱ་དགོས།
༦ བསླབ་ཕྱིའི་སློབ་དེབ་དང་སློབ་གོས་ཉོ་བ་བརྒྱུད་ནས་ཁེ་ཕན་གཉེར་བ་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱ་དགོས།
༧ཡུལ་སྐོར་ལས་རིགས་ཀྱི་སྣེ་ཤན་པའི་ཚུལ་མིན་དང་བཙན་ཤེད་ཀྱིས་འཛད་སྤྱོད་བྱེད་པ་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱ་དགོས།
༨ མཁར་གྲོང་གི་འབར་རླངས་བདེ་འཇགས་ཀྱི་གནད་དོན་བཅོས་སྒྲིག་བྱ་དགོས།
༩ ཟོང་འདྲེན་ཁ་ལོ་བས་ཞུ་གཏུག་བྱས་པའི་ལས་ཕྱོད་ཀྱི་སྤུས་ཚད་ཞན་པ་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱ་དགོས།
༡༠སྤྱི་ཚོགས་འགན་བཅོལ་ཐེབས་རྩ་གཡོ་ལེན་བྱེད་པའི་གནད་དོན་བཅོས་སྒྲིག་བྱ་དགོས།
༡༡ བརྟན་ནོར་ཐོ་འགོད་བྱེད་དཀའ་བའི་གནད་དོན་བཅོས་སྒྲིག་བྱ་དགོས།
༡༢ སྤྱི་ཚོགས་ཀྱི་རོགས་སྐྱོབ་གནད་ལ་མི་འཁེལ་བའི་གནད་དོན་བཅོས་སྒྲིག་བྱ་དགོས།
༡༣ གྲོང་གསེབ་ཀྱི་ཆུ་འདོན་ལས་གྲྭའི་འཁོར་སྐྱོད་དོ་དམ་སྲུང་སྐྱོང་གནད་ལ་མི་འཁེལ་བ་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱ་དགོས།
༡༤ གྲོང་གསེབ་ཀྱི་སྦྲག་བཏང་མྱུར་སྐྱེལ་གྱི་སྒྲིག་འགལ་དངུལ་བསྡུའི་གནད་དོན་བཅོས་སྒྲིག་བྱ་དགོས།
༡༥ སྨན་བཅོས་བརྟག་དཔྱད་ཞིབ་བཤེར་སྒྲིག་འགལ་ངང་རིན་དངུལ་བསྡུ་བའི་གནད་དོན་བཅོས་སྒྲིག་བྱ་དགོས།
༡༦ གྲོང་ཚོའི་དབང་ཤེད་ཅན་དང་ཡུལ་སྡེའི་བཙན་ཤེད་ཅན། བྱེ་མ་བཙན་བཟུང་མཁན། གཏེར་ཁ་བཙན་བཟུང་མཁན། ཁྲོམ་དང་ཚོང་རའི་བཙན་ཤེད་ཅན་སོགས་ཀྱི་སྤྱོད་ངན་མངོན་གསལ་ཆེ་རིགས་རྡུང་རྡེག་དྲག་པོ་གཏོང་དགོས།
གཉིས། གནད་དོན་མངོན་གསལ་ཅན་བཅོས་སྒྲིག་བྱེད་པའི་གཙོ་གནད་3+3+2+2
(གཅིག)རྒྱལ་ཡོངས་རང་བཞིན་གྱི་ཆེད་དོན་བཅོས་སྒྲིག་ཁག་3རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་དགོས།
༡ སློབ་གྲྭ་ཆུང་འབྲིང་གི་ཟས་རིགས་བདེ་འཇགས་དང་བཟའ་བཅའི་འགྲོ་གྲོན་དོ་དམ།
༢ གྲོང་གསེབ་ཀྱི་ཐུན་མོང་གི་མ་དངུལ་གསུམ་གྱི་དོ་དམ།
༣ དུར་འཇུག་ཁྱབ་ཁོངས་ཀྱི་རུལ་སུངས་བཅོས་སྒྲིག་བྱ་སྤྱོད།
(གཉིས།)གཙོ་གནད་འབུར་ཐོན་བྱས་ནས་རྒྱལ་ཡོངས་ཀྱི་གསར་སྣོན་བཅོས་སྒྲིག་ཁག་3 དམ་འཛིན་བྱ་དགོས།
༡ གྲོང་གསེབ་དར་སྤེལ་གྱི་མ་དངུལ་དང་རྣམ་གྲངས་ལ་ལྟ་སྐུལ་དོ་དམ།
༢ སྨན་བཅོས་འགན་བཅོལ་ཐེབས་རྩའི་དོ་དམ།
༣ རྒན་གསོ་བྱིས་གཉོར་ཞབས་ཞུ་སོགས་ཀྱི་གནད་དོན་ཆེད་དོན་བཅོས་སྐྱོང་།
(གསུམ།) ཡུལ་བབ་དང་བསྟུན་ནས་རང་ཞིང་གི་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་གནད་དོན་ཁག་2བཅོས་སྒྲིག་བྱ་དགོས།
༡ རྨང་གཞིའི་སློབ་གསོ་འདྲ་མཉམ་ཐད།
༢ བདེ་སྡོད་ལས་གྲྭའི་ཟིང་ཆ་ཐད།
(བཞི།)རང་ཞིང་གི་ཆེད་དོན་བཅོས་སྒྲིག་ཁག་2་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་དགོས།
༡ སྒྲིག་འགལ་ངང་ཟ་འཐུང་བྱེད་པ།
༢ སྒྲིག་འགལ་ངང་འབུལ་རྟེན་ལེན་པ་དང་འབུལ་བ།
གསུམ། ཐེར་འདོན་བྱེད་སྟངས།
༡ ཐེར་འདོན་ཁ་པར་ནི། 0976-8819582
༢ ཐེར་འདོན་དྲ་ཚིགས།
http://qinghai.12388.gov.cn/yushu/yushushi/
༣ ཐེར་འདོན་བྱེད་གནས། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གེ་སར་འདུ་རའི་སྲང་ལམ་ཨང་25པ།(ཡུས་ཧྲུའུ་གྲོང་ཁྱེར་སྲིད་འཛིན་ལྟེ་གནས་ཁང་ཐོག་དང་པོའི་ཡིག་སྐུར་ངོ་གཏུག་ཁང་།)སྦྲག་ཨང་815099
ཀྲུང་གུང་ཡུས་ཧྲུའུ་སྒྲིག་ཁྲིམས་ཞིབ་བཤེར་
ཨུ་ཡོན་ལྷན་ཁང་།
ཡུས་ཧྲུའུ་གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་།
2025ལོའི་ཟླ་4ཚེས་1ཉིན།