མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཀྱི་དགོས་མཁོ་དང་། རྒྱ་ཆེའི་མང་ཚོགས་ཀྱི་བདེ་ཐང་དང་བདེ་འཇགས་འགན་ལེན་ཏན་ཏིག་བྱ་ཆེད། ཡུས་ཧྲུའུ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་ལྟར། ཡུས་ཧྲུའུ་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་དང་རྒྱལ་ཁབ་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོའི་ལམ་རྒྱུད་ཀྱི་ཤང་ཁག་གམ་གྲོང་རྡལ་བཞིའི་ཁོངས་མི་ཡོངས་ལ་ཉིང་སྐྱུར་མ་དཔེ་ཚད་ལེན་ཞིབ་དཔྱད་ལས་དོན་སྤེལ་རྒྱུ་གཏན་འབེབས་བྱས་ཡོད་པས་། འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བཏང་བ་གཤམ་གསལ།གཅིག ཞིབ་བཤེར་བྱེད་ཁོངས།
ཡུས་ཧྲུའུ་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་དང་རྒྱལ་ཁབ་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོའི་ལམ་རྒྱུད་ཀྱི་ཤང་ཁག་གམ་གྲོང་རྡལ་བཞི་(རག་སྟོད་ཤང་། རག་སྨད་གྲོང་རྡལ། དཔལ་ཐང་ཤང་། རོང་པོ་གྲོང་རྡལ།)ཡི་སྲིད་གཞུང་ཡོད་སའི་ས་ཁོངས་གི་མི་སྣ་ཡོངས་རྫོགས།(གནས་སྡོད་དུད་ཚང་དང་། སྐོར་སྐྱོད་མི་སྣ། ལས་གཉེར་མི་སྣ་སོགས)གཉིས། ཞིབ་བཤེར་དུས་ཚོད།
ཡུས་ཧྲུའུ་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ:2022ལོའི་ཟླ་10པའི་ཚེས་31ཉིན་གྱི་སྔ་དྲོའི་ཆུ་ཚོད་9:00པ་ནས་15:00བར།ཤང་ཁག་གམ་གྲོང་རྡལ་བཞི: 2022ལོའི་ཟླ་10པའི་ཚེས་31ཉིན་གྱི་སྔ་དྲོའི་ཆུ་ཚོད་9:00པ་ནས་15:00བར།གསུམ། མ་དཔེ་ཞིབ་བཤེར་ཚད་ལེན་བྱེད་སྟངས།
ཞིབ་བཤེར་ཚད་ལེན་ས་ཚིགས་སུ་གཅིག་བསྡུས་ངང་ཞིབ་དཔྱད་ཚད་ལེན་བྱ་རྒྱུ་དང་། མཉམ་བསྲེས་ཞིབ་དཔྱད་ཀྱི་བྱ་ཐབས་སྤྱད་ནས་ཞིབ་དཔྱད་ཚད་ལེན་བྱེད་རྒྱུ། མི་སྣ་ཡོངས་ཀྱི་ཉིང་སྐྱུར་མ་དཔེ་ཚད་ལེན་གྱི་ཞིབ་དཔྱད་སྙན་ཞུ་འདོན་པ་མིན།བཞི།དངུལ་བསྡུའི་ཚད་གཞི།
མི་སྣ་ཡོངས་ལ་རིན་མེད་ཉིང་སྐྱུར་ཞིབ་བཤེར་བྱེད་པ།ལྔ།ཞིབ་བཤེར་ཚད་ལེན་བྱེད་སའི་ས་ཁོངས་དབྱེ་སྟངས།
(ཟུར་བཀོད་རེའུ་མིག་ཏུ་གསལ།)དྲུག་པ། དོ་སྣང་བྱ་དགོས་པའི་དོན་ཚན།
གཅིག ཡུས་ཧྲུའུ་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་དང་རྒྱལ་ཁབ་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོའི་ལམ་རྒྱུད་ཀྱི་ཤང་ཁག་གམ་གྲོང་རྡལ་བཞི་(རག་སྟོད་ཤང་། རག་སྨད་གྲོང་རྡལ། དཔལ་ཐང་ཤང་། རོང་པོ་གྲོང་རྡལ།)ཡི་སྲིད་གཞུང་ཡོད་སའི་ས་ཁོངས་གི་མི་སྣ་ཡོངས་རྫོགས་ཀྱིས་གཏན་འབེབས་བྱས་པའི་དུས་ཚོད་ནང་ས་ཁོངས་དབྱེ་རྒྱུར་ནན་པོར་གཞིགས་ནས། ལས་དོན་མི་སྣའི་ཁྲིད་སྟོན་འོག་དུས་མཚམས་དབྱེ་ནས་གོ་རིམ་ལྡན་པའི་ངང་ཞིབ་བཤེར་ཚད་ལེན་ས་གནས་དུ་འགྲོ་ནས་ཚད་ལེན་བྱེད་དགོས། ཚད་ལེན་བྱེད་འོས་ལ་བྱེད་གང་ཐུབ་དང་། ཞིབ་དཔྱད་བྱེད་འོས་ལ་བྱེད་ངེས་པ། མི་སྣ་གཅིག་ཀྱང་མི་ལྷག་པ་བྱེད་དགོས།གཉིས། ཉིང་སྐྱུར་ཞིབ་བཤེར་བྱེད་སྐབས།རང་ཉིད་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་དང་རིག་ནུས་ལག་ཁྱེར་ཁ་པར་འཁྱེར་དགོས་པ་དང་། ཐོབ་ཐང་ལག་ཁྱེར་མེད་ན་ཁྱིམ་ཐོ་འཁྱེར་རོགས།རང་འགུལ་ངང་ཚད་ལེན་ས་ཚིགས་ཀྱི་ལས་དོན་མི་སྣའི་གཅིག་གྱུར་བཀོད་སྒྲིག་དང་ལེན་བྱེད་དགོས་པ།བརྒྱུད་རིམ་ཧྲིལ་པོར་ཡང་དག་པའི་ངང་ཁ་ཐུམ་བརྒྱག་ནས་སྨི་2ཀྱི་བདེ་འཇགས་བར་ཐག་རྒྱུན་འཁྱོངས་བྱེད་དགོས། མ་དཔེ་བླངས་ཚར་རྗེས་མི་སྡོད་པར་དུས་ཐོག་ཏུ་ཁྱིམ་དུ་ལོག་དགོས།གསུམ། མ་དཔེ་ཚད་ལེན་མ་བྱས་པའི་སྔོན་དུ་ཆུ་ཚོད་2ནང་དུ་བཟའ་བཏུང་མི་བྱེད་པ། སྐར་མ་30ནང་དུ་ཐ་མག་མི་འཐེན་པ། ཆང་རག་མི་འཐུང་བ།ཁ་གཙང་ཐང་ཆུ་མི་ལྡད་པ་བཅས་བྱས་ནས་ཞིབ་བཤེར་མཇུག་འབྲས་ལ་གནོད་པ་མི་ཡོང་བ་བྱེད་དགོས། ཞིབ་བཤེར་ཚད་ལེན་བྱས་འབྲས་སྒུག་རིང་རྒྱ་ཆེའི་གྲོང་མི་ཚོས་རང་རྟོགས་ངང་ཁྱིམ་དུ་སྡོད་པ་དང་དགོས་ངེས་མེད་པར་ཕྱིར་མི་འགྲོ་བ། འདུ་འཛོམས་མི་བྱེད་པ། གསོལ་སྟོན་མི་བྱེད་པ་བཅས་དར་སྤེལ་གཏོང་དགོས།བཞི། བྱིས་པ་དང་རྒན་རྒོན་སོགས་དམིགས་བསལ་མི་ཚོགས་ཀྱིས་ལྟ་སྐྱོང་པའམ་ཡང་ན་ཁྱིམ་མིའི་ཕེབས་རོགས་འོག་ཉིང་སྐྱུར་གྱི་མ་དཔེ་འཚོལ་བསྡུ་བྱ་དགོས་པ་དང་།མ་དཔེ་འཚོལ་བསྡུ་བྱེད་གནས་ཀྱིས་དུས་ཐོག་ཏུ་ལྗང་མདོག་བགྲོད་ལམ་འཛུགས་དགོས། འགྲོ་སྐྱོད་སྟབས་མི་བདེ་བས་ས་གནས་ས་ཐོག་ཏུ་དངོས་དཔེ་འཚོལ་བར་ཡོང་ཐབས་བྲལ་བའི་ལོ་ན་མཐོ་བའི་རྒན་རྒོན་དང་དབང་པོ་སྐྱོན་ཅན་སོགས་ལ་སྔ་སྣུར་དུ་གནས་སའི་སྡེ་ཁུལ་དང་འབྲེལ་བ་བྱས་ནས་ཐོ་འགོད་ཡག་པོ་བྱེད་པ་དང་ཞིབ་དཔྱད་བྱས་རྗེས་སྨན་དོན་མི་སྣ་སྒོ་རྩར་དངོས་དཔེ་འཚོལ་བར་ཡོང་རྒྱུའི་བཀོད་སྒྲིག་བྱེད་ཆོགལྔ། སྡོད་དམངས་ལ་ཚ་བ་རྒྱས་པ་དང་། གློ་ལུ་བ། མིད་པ་ན་བ། སྣོམ་པ་(་དྲི་མ་)་ཇེ་ཞན་དུ་འགྲོ་བ།་གྲོད་པ་བཤལ་བ་སོགས་ཀྱི་ནད་རྟགས་བྱུང་རྗེས་དུས་ཚོད་དང་པོར་སྡེ་ཁུལ་ལ་སྙན་སེང་ཞུ་དགོས་པ་དང་།་སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བཀོད་སྒྲིག་དང་ལེན་བྱ་དགོས། གལ་ཏེ་ཛ་དྲག་ཆེ་བའི་གནས་ཚུལ་ལ་འཕྲད་ན་སྤྱི་བདེ་110ལ་ཁ་པར་བཏང་ནས་རོགས་རམ་བྱེད་དུ་བཅུག་ཆོགདྲུག ཉེ་བའི་ཆུ་ཚོད་48ནང་དུ་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་བརྒྱབ་པའི་མི་སྣ་དང་གཅིག་བསྡུས་ལོགས་བཀར་མི་སྣ་ད་ཐེངས་ཀྱི་ཉིང་སྐྱུར་ཞིབ་དཔྱད་ནང་ཞུགས་མི་དགོས། འོན་ཀྱང་ངེས་པར་དུ་དུས་ཐོག་ཏུ་ལས་ཁུངས་དང་གཞིས་ཁུལ་གྱི་ལས་སྒྲུབ་མི་སྣར་གསལ་བཤད་བྱེད་དགོས། ལས་ཁུངས་དང་གཞིས་ཁུལ་གྱིས་ཐོ་འགོད་ཡག་པོ་བྱེད་དགོས།བདུན། ཉིང་སྐྱུར་གྱི་ཞིབ་དཔྱད་ནང་མ་ཞུགས་ན་ཁྱེད་རང་དང་མི་གཞན་གྱི་འཚོ་བ་དང་བདེ་ཐང་ལ་ཤུགས་རྐྱེན་མང་པོ་བཟོ་སྲིད་པ་དང་། ལུགས་མཐུན་གྱི་རྒྱུ་མཚན་མེད་པའི་ངང་གཞོགས་འདེགས་མི་བྱེད་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལ་འགོག་རྐྱེན་བཟོས་པའམ་ཡང་ན་ངན་འབྲས་ཚབས་ཆེན་གཞན་དག་བཟོས་རིགས་ལ། གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་གཅོད་པ། བཀག་བསྐྱིལ་བྱེད་པ་སོགས་ཀྱི་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་རྒྱུ་དང་། ཐ་ན་འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོ་བའི་བྱས་ཉེས་སུ་བརྩིས་ནས་ཉེས་ཆད་གཅོད་རྒྱུ་ཡིན།རྒྱ་ཆེའི་གྲོང་མི་རྣམས་ཀྱིས་ཕན་ཚུན་ཁྱབ་བསྒྲགས་གཏོང་བ་དང་། རང་འགུལ་ངང་གཞོགས་འདེགས་བྱེད་པ།རྒྱ་ཆེའི་གྲོང་མི་དང་གྲོགས་པོ་རྣམས་ཀྱིས་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ཡུས་ཧྲུའུ་གྲོང་ཁྱེར་རིམས་ནད་སྔོན་འགོག་བཀོད་འདོམས་པུའུ།
2022ལོའི་ཟླ་10པའི་ཚེས་30ཉིན།