cover_image

སྐད་གཉིས། 温馨提示:“爱心礼包”正在有序配送,请市民朋友莫着急 !

玉树市融媒体中心
2022年11月01日 11:45

温馨提示

亲爱的市民朋友们:

玉树市作为凝聚大爱的地方,总有大爱崛起的力量,厚重的感恩文化和“我将无我,不负人民”的使命担当构筑了“小城大爱”不竭的精神动力。


10月31日下午,玉树市在州委州人民政府的坚强领导和具体指导下,坚决贯彻落实信长星书记关于“疫情防控要有精准度、民生服务要有温度”的讲话精神,深刻把握“小城大爱,人民至上”理念,统筹财政资金,采取“实物+配送”的方式,为群众包好各类蔬菜品种组成的“爱心礼包”,免费发放给主城区全体居民,确保疫情期间让全市人民群众吃上新鲜蔬菜,切身感受到党委政府的关心关爱。


自发放以来,群团志愿者、联点帮扶单位、社区工作人员严格落实白+黑、24小时工作制,有序为全体居民配送蔬菜“爱心礼包”。当群众收到礼包后,也自发在网上掀起感恩、感谢党委政府的舆论热潮,深刻诠释了玉树市是一座有“温度”的城市。


同时,针对当前部分群众反映未收到“爱心礼包”的问题,我们在此表示,基于当前疫情防控形式和我市居民区范围广的现实因素,配送礼包相对稍有延迟,请未收到“爱心礼包”的家庭,稍安勿躁,工作人员正在精准有序配送当中,我们坚决保证不落一户,将党委政府的爱心送到每一家每一户。


未收到“爱心礼包”的家庭,可通过社区工作群、联系电话等方式向社区负责人反馈情况,同时请广大市民朋友们多一点包容、多一份理解,在这场战“疫”中,我们每一个社区、每一户家庭、每一个市民都是守护家园、共同抗疫、赢得胜利的重要一份子,让我们落实好联防联控措施,构筑群防群治防线。相信有“您”的支持配合,驱散疫霾近在咫尺,春和景明就在眼前。


བརྩེ་བའི་དྲན་སྐུལ། 

“བརྩེ་བའི་ལེགས་སྐྱེས་”གོ་རིམ་ལྡན་པའི་ངང་སྡེབ་སྐྱེལ་བྱེད་བཞིན་ཡོད་པས། གྲོང་མིའི་གྲོགས་པོ་ཚོས་བྲེལ་བ་མ་ལོངས། 


སྙིང་ཉེ་བའི་གྲོང་མི་གྲོགས་པོ་རྣམ་པ་ཚོ། 


ཡུས་ཧྲུའུ་གྲོང་ཁྱེར་ནི་བརྩེ་བ་ཆེན་པོ་གཅིག་ཏུ་འདུས་པའི་ས་ཆ་ཞིག་ཡིན་ལ། དུས་ནམ་ཡང་བརྩེ་ཆེན་འབྱུང་བའི་སྟོབས་ཤུགས་ཀྱང་ཡོད། གཏིང་མཐུག་གི་དྲིན་ཚོར་རིག་གནས་དང་བདག་མེད་ཀྱི་དམངས་དོན་འགན་འཁྲི་ཡིས་“གྲོང་ཆུང་བརྩེ་ཆེན་”གི་འཛད་མཐའ་མེད་པའི་བསམ་པའི་སྒུལ་ཤུགས་ཤིག་བསྐྲུན་ཡོད། 


ཟླ་10བའི་ཚེས་31ཉིན་གྱི་ཕྱི་དྲོ། ཁུལ་ཨུད་དང་ཁུལ་མི་དམངས་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞིབ་ཕྲའི་མཛུབ་ཁྲིད་འོག་ནས་ཡུས་ཧྲུའུ་གྲོང་ཁྱེར་གྱིས་ཧྲུའུ་ཅི་ཞིན་ཁྲང་ཤིང་གིས་་“རིམས་ནད་སྔོན་འགོག་ཚོད་འཛིན་ལ་གནད་འཁེལ་དགོས། དམངས་འཚོར་ཞབས་ཞུ་ལས་དོན་ལ་དྲོད་ཚད་དགོས་”ཞེས་པའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། “གྲོང་ཆུང་བརྩེ་ཆེན་དང་མི་དམངས་མཆོག་ཏུ་བརྩི་བའི”འདུ་ཤེས་གཏིང་ཟབ་ཆུད་པ་བྱས་ཏེ་ནོར་སྲིད་མ་དངུལ་སྤྱི་འདོམས་བྱས་ནས“དངོས་པོ་དང་སྡེབ་སྐྱེལ”གྱི་བྱེད་ཐབས་སྤྱད་དེ་མང་ཚོགས་ལ་སྔོ་ཚལ་སྣ་ཁ་སྣ་ཚོགས་ལས་གྲུབ་པའི“བརྩེ་བའི་ལེགས་སྐྱེས་”གྲོང་ཁུལ་གཙོ་བོའི་གྲོང་མི་ཡོངས་ལ་རིན་མེད་ངང་སྤྲོད་ནས། རིམས་ནད་སྔོན་འགོག་བྱེད་རིང་གྲོང་ཁྱེར་ཡོངས་ཀྱི་མི་དམངས་མང་ཚོགས་ལ་སྔོ་ཚལ་གསར་པ་བཟའ་རྒྱུ་ཡོང་བ་བྱས་ནས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་གཅེས་སྐྱོང་ཚོར་ཐུབ་པ་བྱས། 


ལེགས་སྐྱེས་འབུལ་བ་ནས་བཟུང་མང་ཚོགས་ཚོགས་པའི་དང་བླངས་པ་དང་། འབྲེལ་གཏུག་རོགས་སྐྱོར་ཚན་པ། སྡེ་ཁུལ་གྱི་ལས་དོན་མི་སྣ་བཅས་ཀྱིས་ཉིན་མཚན་དབྱེ་མེད་ངང་ཆུ་ཚོད་24ཡི་ལས་ཀའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་གྲོང་མི་ཡོངས་ལ་སྔོ་ཚལ་གོ་རིམ་ལྡན་པའི་ངང་སྐྱེལ་བཞིན་ཡོད་པ་རེད། མང་ཚོགས་ལག་ལ་འབྱོར་རྗེས་དྲ་རྒྱའི་ཐོག་རང་འགུལ་གྱིས་དྲིན་ཚོར་དང་ཏང་ཨུད་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་བའི་གླེང་ཕྱོགས་ཀྱི་ཚ་རླབས་ཤིག་འཕྱུར་ནས་ཡུས་ཧྲུའུ་གྲོང་ཁྱེར་ནི“དྲོད་ཚད”ལྡན་པའི་གྲོང་ཁྱེར་ཞིག་ཡིན་པའི་གཟི་མདངས་སྟོན། 


དུས་མཚུངས་སུ། མིག་སྔའི་མང་ཚོགས་ཁག་ཅིག་ལ་“བརྩེ་བའི་ལེགས་སྐྱེས་”ཐོབ་མེད་པའི་གནད་དོན་ལ་དམིགས་ནས། ང་ཚོས་ཞུ་རྒྱུ་ཞིག་ནི་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྣམ་པ་དང་རང་རེའི་གྲོང་ཁྱེར་གྱི་གྲོང་མིའི་སྡོད་ཁུལ་ཁྱབ་ཁོངས་རྒྱ་ཆེ་བའི་དངོས་ཡོད་རྒྱུ་རྐྱེན་ལ་གཞིགས་ནས་ལེགས་སྐྱེས་སྡེབ་སྐྱེལ་ལ་བལྟོས་བཅས་ངང་ནར་འགྱངས་ཅུང་ཙམ་བྱུང་། དེ་བས་“བརྩེ་བའི་ལེགས་སྐྱེས་”ལག་ལ་མ་འབྱོར་བའི་ཁྱིམ་ཚང་གིས་བྲེལ་འཚུབ་མ་ལོངས། ལས་དོན་མི་སྣས་གནད་འཁེལ་དང་གོ་རིམ་ལྡན་པའི་ངང་སྡེབ་སྐྱེལ་བྱེད་རྒྱུ་རེད། ང་ཚོས་དུད་ཚང་གཅིག་ཀྱང་མི་ལུས་པའི་འགན་ལེན་མཐའ་གཅིག་ཏུ་བྱས་ནས་ཏང་ཨུད་དང་སྲིད་གཞུང་གི་གཅེས་སེམས་དུད་ཚང་ཚང་མར་སྐྱེལ་ཐུབ་པ་བྱ་རྒྱུ་ཡིན། 


“བརྩེ་བའི་ལེགས་སྐྱེས་”མ་འབྱོར་བའི་ཁྱིམ་ཚང་དག་གིས་སྡེ་ཁུལ་གྱི་ལས་སྒྲུབ་ཚོགས་པ་དང་འབྲེལ་གཏུག་ཁ་པར་སོགས་ཀྱི་ཐབས་ལམ་བརྒྱུད་དེ་སྡེ་ཁུལ་གྱི་འགན་འཁུར་པར་གནས་ཚུལ་ལྡོག་འདྲེན་བྱས་ཆོག དེ་དང་ཆབས་ཅིག་རྒྱ་ཆེའི་གྲོང་མི་དང་གྲོགས་པོ་ཚོས་བཟོད་སྒོམ་དང་བསམ་ཤེས་མང་ཙམ་བྱས་ནས།“རིམས་ནད”སྔོན་འགོག་གི་དམག་འཐབ་འདིའི་ཁྲོད་དུ་ང་ཚོའི་སྡེ་ཁུལ་རེ་རེ་དང་། ཁུལ་ཆུང་རེ་རེ། གྲོང་མི་རེ་རེ་བཅས་ཚང་མ་ནི་ཁྱིམ་གཞིས་སྲུང་སྐྱོང་དང་ཐུན་མོང་རིམས་འགོག། རྒྱལ་ཁ་ལེན་ཐུབ་པ་བཅས་ཀྱི་གལ་ཆེན་གྱི་གྲུབ་གཞི་དག་དག་ཡིན་པས། ང་ཚོས་མཉམ་འགོག་མཉམ་བཅོས་ཀྱི་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱས་ཏེ། མཉམ་འགོག་མཉམ་བཅོས་ཀྱི་འགོག་སྲུང་འཛིང་རགས་སྲ་མོར་ཞིག་བསྐྲུན་དགོས། སྐུ་ཉིད་ཀྱི་རྒྱབ་སྐྱོར་དང་གཞོགས་འདེགས་གནང་རྒྱུའི་ཡིད་ཆེས་ཡོད་ལ་ནད་ཡམས་ཀྱི་སྨུག་རྡུལ་ཡང་འཇའ་ཡལ་བ་ལྟར་དུ་འགྱུར་བ་ཁོ་ཐག་རེད།

图片

图片

图片


审     核丨巴德扎西

编     辑丨尼玛旦周 

转载本平台内容须注明来源@玉树市融媒体中心

服务应用


图片
图片
图片
图片

学習玉树

新时代文明实践

融媒体资讯

书记市长信箱

往期回顾


继续滑动看下一个
玉树市融媒体中心
向上滑动看下一个