གཞི་རྩའི་རྒྱལ་ཁབ་དང་།ཞིང་ཆེན།ཁུལ་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བླང་བྱ་གཞིར་བཟུང་ད་ལྟའི་དུས་མཚམས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་དང་ཟུང་འབྲེལ་བྱས་ཏེ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་འོག་མི་དམངས་མང་ཚོགས་རྣམས་གོ་རིམ་ལྡན་པའི་ངང་སྨན་བཅོས་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་ཆེད།ད་ལྟ་ཡུས་ཧྲུའུ་ཁུལ་རིམ་པ་གཉིས་པ་ཡན་གྱི་ཕྱོགས་བསྡུས་སྨན་ཁང་ཁག་གི་ཚ་ནད་སྒོ་བསྟེན་སྨན་ཁང་གི་འབྲེལ་གཏུག་ཁ་པར་ཡོངས་བསྒྲགས་བྱ་རྒྱུ།རྒྱ་ཆེའི་གྲོང་མི་དང་མང་ཚོགས་རྣམས་པར་ཚ་བ་རྒྱས་སྐབས།དུས་ཐོག་ཏུ་ཉེ་འགྲམ་གྱི་ཚ་རྒྱས་སྒོ་བསྟེན་སྨན་ཁང་ངམ་ཚ་ནད་སྨན་ཁང་གི་སྨན་བཅོས་ལས་ཁུངས་ལ་སྨན་བཅོས་བྱེད་དུ་འཇུག་དགོས།སྨན་པར་བསྟེན་སྐབས་ཁ་རས་ཡག་པོ་རྒྱག་པ་དང་།མི་གཞན་དང་བར་ཐག་སྨི་༡རྒྱུན་འཁྱོངས་ཡོང་བར་བྱས་ཏེ་མི་སྣ་འདུ་འཛོམས་མི་ཡོང་བ་བྱེད་དགོས།སྨན་ཁང་དུ་མ་བསྐྱོད་གོང་སྔོན་ལ་བདེ་ཐང་ཨང་རྟགས་གྲ་སྒྲིག་བྱེད་དགོས་པ་དང་།སྨན་ཁང་ནང་དུ་སྐྱོད་སྐབས་གཟུགས་པོའི་དྲོད་ཚད་འཇལ་བ་དང་ཨང་བཤེར་སྟོན་ནས་ལས་དོན་ལ་གཞོགས་འདེགས་ཡོང་བར་བྱེད་དགོས།
ཡུས་ཧྲུའུ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།
༢༠༢༢ལོ་ཟླ་༡༢པའི་ཚེས་༨ཉིན།
编 辑丨才仁永藏
往期回顾