རྒྱ་ཆེའི་མངའ་ཁུལ་གྱི་གྲོང་མིའི་གྲོགས་པོ་རྣམས་པ།
མངའ་ཁུལ་མང་ཚོགས་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་དགོས་མཁོ་སྐོང་ཆེད། ང་ཚོའི་གྲོང་ཁྱེར་གྱིས་གྲོང་ཁུལ་གཙོ་བོའི་ནང་རྒྱུན་རྣམ་ཅན་གྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ས་ཚིགས་5དང་བསྐྱར་ཞིབ་ཀྱི་ཉིང་སྐྱུར་དམིགས་འཛུགས་ཚད་ལེན་ས་ཚིགས་2བཙུགས་ཏེ།ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་མཁོ་འདོན་བྱེད་པ།གལ་ཏེ་ཁྱེད་དང་ཁྱིམ་མིའི་ཉིང་སྐྱུར་གྱི་མཇུག་འབྲས་རྒྱུན་ལྡན་མིན་པ་བྱུང་ན། ཁྱེད་ཀྱིས་གཤམ་གྱི་ལས་དོན་འདི་དག་སྒྲུབ་པར་རམ་འདེགས་བྱེད་རོགས།གཅིག ཁྱེད་རང་ངམ་ཡང་ན་ཁྱིམ་མི་བརྟག་དཔྱད་ཚད་ལེན་བྱས་རྗེས། རྐྱང་སྦུག་རྒྱུན་ལྡན་མིན་པ་བྱུང་བ་དང་། “ཡིད་རྟོན་མཚོ་སྔོན”ལས་སྟེགས་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་མཇུག་འབྲས་ལས་“གདགས་གཤིས་”མངོན་སྐབས། དངངས་སྐྲག་མ་བྱེད་པར་དུས་ཐོག་ཏུ་གནས་སའི་སྡེ་ཁུལ་དུ་སྙན་སེང་ཐོ་འགོད་བྱེད་དེ། རང་འགུལ་ངང་ཁྱིམ་སྡོད་ལོགས་སུ་འཇོག་དགོས། གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་འཕྲལ་དུ་གདགས་གཤིས་ཡིན་པའི་མི་སྣའི་ཆ་འཕྲིན་དེ་གནས་སའི་སྲང་ལམ་(ཤང་གྲོང་རྡལ)ངམ་ཡང་ན་ལས་ཁུངས་ལ་བསྐུར་དགོས་པ་དང་། སྲང་ལམ་དང་(ཤང་གྲོང་རྡལ)ངམ་ཡང་ན་ལས་ཁུངས་ཀྱིས་ལོགས་བཀར་དོ་དམ་ཚོད་འཛིན་བྱ་ཐབས་དོན་འཁྱོལ་ནན་མོ་བྱེད་དགོས་པ་མ་ཟད། དུས་ཐོག་ཏུ་ཁྱིམ་སྡོད་ལོགས་འཇོག་མི་སྣར་ཉིང་སྐྱུར་ཞིབ་དཔྱད་ཡག་པོ་བྱེད་དགོས་པའི་དྲན་སྐུལ་བྱེད་དགོས།གཉིས། གལ་ཏེ་ཁྱེད་རང་ངམ་ཡང་ན་ཁྱིམ་མི་བརྟག་དཔྱད་ཚད་ལེན་བྱས་རྗེས། བསྲེས་སྦུག་རྒྱུན་ལྡན་མིན་པ་བྱུང་ཚེ། གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་འབྲེལ་ཡོད་འཕྲིན་ཐུང་ངམ་ཡང་ན་ཁ་པར་བརྡ་ཐོ་འབྱོར་རྗེས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ་དང་།སྤྱིའི་འགྲིམ་འགྲུལ་ཡོ་བྱད་ནང་སྡོད་མི་ཉན། གནད་ཐུག་ས་ཆར་བཀག་སྡོམ་བྱེད་དེ་བསྐྱར་ཞིབ་གཏན་འཁེལ་བྱས་པའི་ཉིང་སྐྱུར་སྔོག་འདོན་ས་ཚིགས་སུ་མི་སྒེར་གྱིས་བསྐྱར་ཞིབ་བྱེད་དགོས། ཡང་བསྐྱར་བརྟག་དཔྱད་བྱས་འབྲས་ནི་སྲིབ་གཤིས་དུ་གྱུར་རྗེས་རྒྱུན་ལྡན་གྱི་ལས་ཀ་དང་འཚོ་བ་སླར་གསོ་བྱེད་ཆོག བསྐྱར་ཞིབ་བྱས་འབྲས་ནི་གདགས་གཤིས་ཡིན་རྗེས། དུས་ཐོག་ཏུ་སྡེ་ཁུལ་ལ་སྙན་སེང་ཞུས་ནས་ཉིན་བདུན་ནང་ཁྱིམ་སྡོད་ཟུར་འཇོག་གི་བྱ་ཐབས་དོན་འཁྱོལ་བྱེད་པ་དང་། ཉིན་བརྒྱད་པར་རང་འགུལ་ངང་ཁ་རས་ཡག་པོ་རྒྱག་ནས།གནད་ཐུག་ས་ཚིགས་བཀག་སྡོམ་བྱེད་དེ་བསྐྱར་ཞིབ་དམིགས་འཛུགས་བྱས་པའི་ཉིང་སྐྱུར་ཚད་ལེན་ས་ཚིགས་སུ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་པར་སྐྱོད་དགོས།ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་འབྲས་ནི་སྲིབ་གཤིས་སམ་ཡང་ན་Ctཡི་བསྡུར་གྲངས་35ཟིན་རྗེས་རྒྱུན་གཏན་གྱི་འཚོ་བ་སླར་གསོ་བྱེད་ཆོག གལ་ཏེ་ཁྱིམ་སྡོད་ལོགས་བཀར་བྱས་ནས་གཟའ་འཁོར་གཅིག་སོང་ཡང་སྲིབ་གཤིས་མ་འགྱུར་ན། སྡེ་ཁུལ་གྱིས་མི་སྒེར་གྱི་གནས་ཚུལ་ལ་གཞིགས་ནས་ལོགས་སུ་བཀར་བའི་དུས་ཚོད་འོས་འཚམ་རིང་དུ་གཏོང་དགོས། གསུམ། ཁྱིམ་དུ་ལོགས་སྡོད་བྱེད་སྐབས། ཁྱེད་དང་ཁྱིམ་མིས་རང་འགུལ་ངང་ཕྱིར་བསྐྱོད་མི་བྱེད་པ་དང་། བཅར་འདྲི་དང་ལེན་མི་བྱེད་པ། མཉམ་དུ་སྡོད་མཁན་གྱིས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ་དང་། ཁྱིམ་དུ་ལོགས་སྡོད་དོ་དམ་བླང་བྱར་བརྩི་སྲུང་བྱ་དགོས། བཞི། ཁྱིམ་དུ་ལོགས་སྡོད་བྱེད་སྐབས། ནད་རྟགས་མེད་པའམ་ཡང་ན་ནད་རྟགས་ཅུང་ཡང་བའི་སྐབས་སུ། ཁྱིམ་དུ་བསྡད་ནས་སྨན་བཅོས་མི་སྣའི་སྨན་བསྟེན་མཛུབ་སྟོན་ལྟར་འོས་འཚམ་གྱི་སྨན་བསྟེན་དགོས། ནད་རྟགས་ཇེ་ངན་དུ་འགྲོ་སྐབས།རང་འགུལ་ངང་སྨན་བཅོས་སྡེ་ཁག་ཏུ་ཕྱིན་ནས་ཚ་བརྒྱབ་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱས་ཆོག་ལ། སྨན་པ་བསྟེན་པའི་གོ་རིམ་ཁྲོད་དུ། གང་ཐུབ་ཀྱིས་སྒེར་གྱི་རླངས་འཁོར་སྤྱོད་པ་དང་། སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ལ་མི་འདུག་པ། ཐད་ཀར་གནད་ཐུག་ས་ཚིགས་ཀྱི་སྨན་བཅོས་སྡེ་ཁག་ཚ་རྒྱག་སྒོ་བསྟེན་སྨན་ཁང་ལ་སྐྱོད་དགོས། མི་སྒེར་གྱི་འགོག་སྲུང་ལེགས་པོ་བྱས་ཏེ། ཚད་ཆེས་ཆེ་བའི་སྒོ་ནས་སྣོལ་མར་འགོས་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས། ལྔ། གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་འབྲེལ་གཏུག་དམ་ཟབ་བྱེད་མཁན་གྲལ་བཤེར་བྱས་རྗེས།དུས་ཐོག་ཏུ་མི་སྣའི་ཆ་འཕྲིན་དེ་གནས་སའི་སྲང་ལམ་(ཤང་དང་གྲོང་རྡལ)ངམ་ཡང་ན་ལས་ཁུངས་བསྐུར་ནས་སྲང་ལམ་(ཤང་དང་གྲོང་རྡལ་)ངམ་ཡང་ན་ལས་ཁུངས་ཀྱིས་གསང་བའི་ངང་བསུ་མཁན་དང་འགབ་མཐུན་མཉམ་སྡོད་བྱེད་མཁན་ལ་ལྟ་སྐུལ་བྱས་ཏེ་ཁྱིམ་སྡོད་ལོགས་བཀར་བྱ་ཐབས་དོན་འཁྱོལ་བྱས་ནས།ཁྱིམ་ལ་ལོགས་སྡོད་བྱས་པའི་ཉིན་ལྔ་པར་སྡེ་ཁུལ་གྱིས་སྨན་དོན་མི་སྣ་སྒོ་རྩར་བསྐྱོད་དེ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་དུ་བཅུག་སྟེ།ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་འབྲས་བུ་སྲིབ་གཤིས་ཡིན་པས་ཁྱིམ་སྡོད་ལོགས་བཀར་མེད་པར་བཟོས་ཏེ།རྒྱུན་གྱི་ལས་ཀ་དང་འཚོ་བ་སླར་གསོ་བྱེད་ཆོག ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་ནི་གདགས་གཤིས་ཡིན་ཚེ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ་དོ་དམ་ཚོད་འཛིན་བྱ་ཐབས་དོན་འཁྱོལ་བྱ་དགོས། དྲུག ཁྱིམ་སྡོད་ལོགས་སྡོད་བྱེད་སྐབས། གལ་ཏེ་ཁྱེད་ལ་འཚོ་བའི་དངོས་རྫས་སམ་ཡང་ན་སྨན་གྱི་དགོས་མཁོ་ཡོད་ཚེ། དྲ་ཐོག་ལས་སྟེགས་སམ་ཡང་ན་ཕྱི་འཚོང་APPནས་ཉོ་ཆོག གལ་ཏེ་ཁྱེད་རང་ངམ་ཡང་ན་ཁྱིམ་མི་བགྲེས་པ་དང་། བྱིས་པ། དབང་པོ་སྐྱོན་ཅན་སོགས་ལ་སྟབས་བདེ་མེད་པའི་ཚོགས་སྤྱི་དང་། ཡང་ན་རིག་ནུས་ལག་ཁྱེར་ཁ་པར་གྱིས་དྲ་ཐོག་ནས་ཉོ་སྒྲུབ་བྱེད་མི་ཤེས་ཚེ།སྡེ་ཁུལ་གྱིས་དགོས་མཁོར་གཞིགས་ནས“ཚབ་ཉོ”དང“ཚབ་སྒྲུབ”ཞབས་ཞུ་མཁོ་འདོན་བྱས་ཏེ།ཁྱེད་རང་ཁྱིམ་དུ་ལོགས་སྡོད་རིང་གི་གཞི་རྩའི་འཚོ་བ་དང་སྨན་བཅོས་ཞབས་ཞུ་སོགས་འགན་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པོ་སྒྲུབ་དགོས། ཁྱེད་རང་དང་ཁྱིམ་མི་རྣམས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་རྒྱུ་ནི་ང་ཚོ་ཐུན་མོང་གི་འགན་འཁྲི་ཡིན་པས། ང་ཚོས་ཧུར་བརྩོན་གྱིས་ཁ་གཏད་འཇལ་བ་དང་།ཚུལ་མཐུན་གྱིས་གདོང་གཏོད་པ། ཡིད་ཆེས་མང་ཙམ་བྱེད་པ་དང་། རྒྱུན་འཁྱོངས་མང་ཙམ་བྱེད་པ། བསམ་ཤེས་མང་ཙམ་བྱེད་པ། ང་ཚོས་ཐོག་མཐའ་བར་གསུམ་དུ་ཁྱེད་རང་དང་མཉམ་དུ་སྐྱོད་བཞིན་ཡོད། ཟུར་བཀོད།
གཅིག ཡུས་ཧྲུའུ་གྲོང་ཁྱེར་རྒྱུན་རྣམ་ཅན་གྱི་ཉིང་སྐྱུར་ཚད་ལེན་ས་ཚིགས། གཉིས།ཡུས་ཧྲུའུ་གྲོང་ཁྱེར་བསྐྱར་བཤེར་གཏན་འཁེལ་ཉིང་སྐྱུར་ཚད་ལེན་ས་ཚིགས།
ཡུས་ཧྲུའུ་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་
ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའི་གཞུང་ལས་ཁང་།
2022ལོའི་ཟླ་12པའི་ཚེས་16ཉིན།
གཅིག ཡུས་ཧྲུའུ་གྲོང་ཁྱེར་རྒྱུན་རྣམ་ཅན་གྱི་ཉིང་སྐྱུར་ཚད་ལེན་ས་ཚིགས།
ཡུས་ཧྲུའུ་གྲོང་ཁྱེར་གྲོང་ཁུལ་གཙོ་བོ། | ཚད་ལེན་ས་ཚིགས་ཀྱི་མིང་།(ས་གནས) | ཚད་ལེན་དུས་ཚོད། |
| རླངས་འཁོར་འབབ་ཚིགས་ཀྱི་ཉིང་སྐྱུར་ཚད་ལེན་ས་ཚིགས། |
|
| འབྲོང་ཐང་ཆེན་ཉིང་སྐྱུར་ཚད་ལེན་ས་ཚིགས། | ཉིན་རེའི་སྔ་དྲོ། 8:30-12:30 ཕྱི་དྲོ། 14:30-18:30 |
| ཁམས་པ་སྒྱུ་རྩལ་ལྟེ་གནས་ཉིང་སྐྱུར་ཚད་ལེན་ས་ཚིགས། |
|
| ཆོས་ལུང་སྤྱི་གླིང་ཉིང་སྐྱུར་ཚད་ལེན་ས་ཚིགས། |
|
| དཔལ་ཐང་གནས་སྤོས་ཁུལ་ཉིང་སྐྱུར་ཚད་ལེན་ས་ཚིགས། |
|
གཉིས། ཡུས་ཧྲུའུ་གྲོང་ཁྱེར་བསྐྱར་བཤེར་གཏན་འཁེལ་ཉིང་སྐྱུར་ཚད་ལེན་ས་ཚིགས།
གལ་ཏེ་ཉིང་སྐྱུར་ཞིབ་བཤེར་གྱི་མཉམ་སྦུག་རྒྱུན་ལྡན་མིན་པའི་བརྡ་འཕྲིན་དང་ཁ་པར་འབྱོར་ན།མི་སྒེར་གྱི་འགོག་སྲུང་ལེགས་པོ་བྱས་ཏེ།གཤམ་གྱི་གཏན་འཁེལ་ས་གནས་སུ་སྐྱོད་དེ་རྐྱང་སྦུག་ཉིང་སྐྱུར་ཞིབ་བསྐྱར་བྱ་དགོས།
ཡུས་ཧྲུའུ་གྲོང་ཁྱེར་གྲོང་ཁུལ་གཙོ་བོ། | ཚད་ལེན་ས་ཚིགས་ཀྱི་མིང་།(ས་གནས) | ཚད་ལེན་དུས་ཚོད། |
| འཁྱེར་འཕྲིན་སྤྱི་གཉེར་ཁང་ཁ་གཏད་ སའི་སྤྱི་གླིང་སྒོ་ཁའི་ཉིང་སྐྱུར་ཚད་ལེན་ས་ཚིགས། | ཉིན་རེའི་སྔ་དྲོ།8:30-12:30、 ཕྱི་དྲོ།14:30-18:30. དགོང་མོ། 20:30-24:00 |
| གེ་སར་ཐང་ཆེན་ཉིང་སྐྱུར་ཚད་ལེན་ས་ཚིགས། |
|