致全市人民的一封信!

时间:2017-03-27 11:11:24 来源: 作者: 浏览次数:29

分享到:

导读: 全市广大人民群众: 您们好!创建国家卫生城市是市委、市人民政府向全市人民作出的庄严承诺,是改善生活环境、服务广大百姓的一项民生工程。每位市民有责任、有义务支持和

 全市广大人民群众:

 
您们好!创建国家卫生城市是市委、市人民政府向全市人民作出的庄严承诺,是改善生活环境、服务广大百姓的一项民生工程。每位市民有责任、有义务支持和参与创卫工作。在此,向全市人民发出如下倡议:
 
གྲོང་ཡོངས་ཀྱི་རྒྱ་ཆེ་བའི་མི་དམངས་མང་ཚོགས།
 
 ཁྱེད་ཚོ་བཟང་། རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་གྲོང་ཁྱེར་འཛུགས་སྤེལ་བྱེད་པ་ནི་གྲོང་ཨུ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཛད་པའི་དམ་བཅའ་གཟི་བརྗིད་ཅན་ཞིག་ཡིན་ལ། འཚོ་བའི་ཁོར་ཡུག་ལེགས་བསྒྱུར་དང་མང་ཚོགས་ལ་ཞབས་ཕྱི་སྒྲུབ་པའི་དམངས་ཚིས་བཟོ་བཀོད་ཅིག་ཀྱང་ཡིན། གྲོང་མི་སུ་ཡིན་ཡང་རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་གྲོང་ཁྱེར་འཛུགས་སྤེལ་བྱེད་པར་ཞུགས་པ་དང་གཞོགས་འདེགས་བྱེད་པའི་འོས་འགན་ཡོད་དོ། དེ་བས་ང་ཚོས་གྲོང་དམངས་ཡོངས་ལ་གཤམ་གྱི་གྲོས་གཞི་འདོན་པ་ཡིན།
 
从我做起,树立新风。从自身做起养成良好的生活卫生习惯,不乱扔垃圾、不随地吐痰;保持市容环境整洁,不在街道两旁、公共场所乱搭乱建、乱堆乱放、乱贴乱画;不粗言脏语;不损坏花木;不乱穿马路、不擅闯红灯;积极参与全民控烟行动,不在公共场所吸烟,主动戒烟。
 
རང་འཁྲི་འགན་དེ་རང་འགུལ་སྒྲུབ། ། ཀུན་ལ་འཚམ་པའི་སྲོལ་བཟང་བཏོད། ། རང་འགུལ་སྒོས་གཙང་སྦྲའི་གོམས་གཤིས་ལེགས་པོ་ཆགས་སུ་འཇུག་སྟེ། གད་སྙིགས་གང་སར་མི་འདོར་བ་དང་། ཁ་ལུད་གང་སར་མི་འཕེན་པ། སྤྱི་པའི་འདུ་རའམ་ལམ་འགྲམ་དུ་རྩིག་ངོས་བཟོ་བའམ་ཅ་ལག་སྤུང་བ། ཤོག་རིས་སྦྱར་བ་སོགས་མི་བྱེད་པ། གཏམ་འཆལ་མི་སྒྲོག་པ། རྒྱ་ལམ་ཧམ་སྐྱོད་དང་གློག་དམར་བཙན་བརྒལ་མི་བྱེད་པ། དུ་བ་ཚོད་འཛིན་བྱེད་པའི་བྱ་འགུལ་དུ་ཞུགས་ཏེ་དུ་བ་བཅད་པ་བཅས་འོས་སོ།
 
遵守公德,提升素质。以文明市民的标准来要求自己,紧紧围绕建设社会主义核心价值体系这个根本,加强个人品德、家庭美德、职业道德、社会公德建设,牢固树立主人翁意识,争做“道德模范”和“文明市民”。
 
སྤྱི་ཡི་སྲུང་བྱ་གཙུག་ཏུ་བཀུར། ། རང་ཚུགས་རང་གཤིས་ཡར་ལྟོས་མཛོད། ། ཡ་རབས་གྲོང་མིའི་ཚད་གཞི་དེ་རང་གི་བླང་བྱ་རུ་བསྟེན་པ་དང་། སྤྱི་ཚོགས་རིང་ལུགས་སྲོག་ཤིང་གི་རིན་ཐང་ལྟ་བའི་མ་ལག་རྩ་བ་རུ་འཛིན་ནས། སོ་སོའི་རང་གཤིས་དང་ཁྱིམ་ཚང་མཛེས་གཤིས། ལས་རིགས་ཀུན་སྤྱོད། སྤྱི་ཚོགས་སྤྱི་གཤིས་བཅས་ཀྱི་ཐད་ནས་ཡར་ལྟོས་བྱེད་པ་དང་། རང་ཡུལ་རང་བདག་གི་འདུ་ཤེས་འཛིན་ཏེ། ཀུན་སྤྱོད་དཔེ་ལེགས་ཅན་གྱི་ཡ་རབས་གྲོང་མི་ཞིག་བྱེད་པར་ཧུར་ཐག་བྱེད་དགོས།
 
整洁市容,维护形象。搞好自家庭院和门前地面干净卫生、门窗墙面整洁美观、车辆停放有序,以自己的模范行带动身边的人,为“创卫”营造良好的社会环境。
 
  གཞིས་གྲོང་དྭངས་གཙང་རྒྱུན་ཆགས་ཀྱིས། ། ཡུལ་གྱི་དཔལ་དང་ཡོན་ཏན་སྐྱོང་། ། རང་ཁྱིམ་གྱི་ར་བ་དང་སྒོ་མདུན་གཙང་སྦྲ་ཡག་པ། སྒོ་སྒེའུ་ཁུང་དང་གྱང་ངོས་སྤུས་དག་ཅིང་མིག་ལམ་མཛེས་པ། འཁོར་རིགས་འཇོག་སྟངས་སྟར་གྲལ་འགྲིག་པ། རང་ཉིད་ཀྱི་སྤྱོད་སྟངས་ལེགས་པོས་གཞན་དག་ལ་དཔེ་སྟོན་པ་བཅས་ཀྱིས་འཕྲོད་བསྟེན་གྲོང་ཁྱེར་འཛུགས་སྤེལ་བྱེད་པར་ཁོར་ཡུག་བཟང་པོ་སྐྲུན་དགོས།
 
创卫为市民,创卫靠市民,创卫惠市民。让我们携起手来,团结一心,齐抓共创,用我们的热情和真诚,用我们的辛勤和汗水,把我们的家园装扮得更加亮丽,为实现创建国家卫生城市目标贡献我们的一份力量!
 
玉树市创卫办宣传组
 
二〇一七年三月
 
འཕྲོད་བསྟེན་གྲོང་ཁྱེར་འཛུགས་སྤེལ་བྱེད་པ་ནི་དམངས་ཆེད་ཡིན་པ་དང་དམངས་ལ་བརྟེན་དགོས་པ། མཐའ་མར་དམངས་ལ་ཕན་པའི་བྱ་འགུལ་ཞིག་ཡིན། ང་ཚོས་མཉམ་གཅིག་ཏུ་ལྷག་བསམ་རྣམ་དག་དང་བརྩོན་འགྲུས་ལྷོད་མེད་ཀྱིས་མཐུན་སྒྲིལ་གྱི་ལག་གདང་གཤིབ་ནས། བདག་ཅག་གི་གཞིས་ཁྱིམ་དྲོན་མོ་འདི་བཀོད་ལེགས་ཡིད་དབང་འཕྲོག་པའི་རྣམ་པ་སྐྲུན་ཏེ། རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་གྲོང་ཁྱེར་འཛུགས་པར་བྱས་རྗེས་འཇོག་དགོས།
 
 ཡུལ་ཤུལ་གྲོང་ཁྱེར་རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་གྲོང་ཁྱེར་
 
 འཛུགས་སྤེལ་གཞུང་དོན་ཁང་།
 
   ༢༠༡༧ལོའི་ཟླ༣པར
Copyright © 2014-2015 玉树市新闻网(三江源新闻门户网)www.yssnews.com. All Right Reserved.
联系电话:0976-8822094 QQ:2095751873 邮箱:2095751873@qq.com 青ICP备14000563号 网站主办单位:中国共产党玉树市委员会宣传部
青海信息网(青海门户网)www.qhxxcn.com 技术支持 玉树市新闻网版权所有:未经过本站允许,请勿将本站内容传播或复制。